rKTs


J1

(e-text produced by ADARSHA)




1.1b
༄##། ་་།རྒྱ་གར་སྐད་དུ། ་བི་ན་ཡ་བསྟུ། ་བོད་སྐད་དུ། ་འདུལ་བ་གཞི། བམ་པོ་དང་པོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གང་གིས་འཆིང་རྣམས་ཡང་དག་རབ་བཅད་ཅིང ། །མུ་སྟེགས་ཚོགས་རྣམས་ཐམས་ཅད་རབ་བཅོམ་སྟེ། །སྡེ་དང་བཅས་པའི་བདུད་རྣམས་ངེས་བཅོམ་ནས། །བྱང་ཆུབ་འདི་བརྙེས་དེ་ལ་ཕྱག་འཚལ་ལོ། །ཁྱིམ་དོན་ཆེ་ཆུང་སྤངས་ཏེ་དང་པོ་རབ་འབྱུང་དཀའ། །རབ་བྱུང་ཐོབ་ནས་ཡུལ་སྤྱད་དག་གིས་དགའ་ཐོབ་དཀའ། །མངོན་དགའ་ཇི་བཞིན་དོན་བསྐྱེད་ཡང་དག་བྱེད་པ་དཀའ། །ངུར་སྨྲིག་གོས་འཆང་མཁས་པ་ཚུལ་ལས་ཉམས་པ་དཀའ། །གཞི་རྣམས་ཀྱི་སྤྱི་སྡོམ་ལ། རབ་འབྱུང་གསོ་སྦྱོང་གཞི་དང་ནི། །